འབྲེལ་བ་འཐབ་ས།

བརྩེ་བཟང་རྒེད་འོག་ལུ་ཡོད་པའི་རྡོ་དུང་དཀར་གྱི་སྐོར།

རྡོ་དུང་དཀར། བརྩེ་བཟང་རྒེད་འོག།

༈བླམ་ངག་དབང་བསམ་གཏན་གྱིས་ཆོས་འཆད་སྤང་ཁའི་དུང་དཀར་གཏེར་བཞེས་སའི་གནས་འདི་ཁ་ལས་དུང་དཀར་ཆེ་ཆུང་ཧ་ལམ་༧ དེ་ཅིག་འཕུར་བྱོན་པའི་ཤུལ་ཨིན་ཟེར་བཤད་དོ་ཡོད་པའི་ཤུལ་ཚུ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་འདུག།
རྡོ་དུང་དཀར།
བཤད་སྲོལ་ལས་ ཨ་ལོ་གསོ་མ་ཚུགས་མི་ཚུ་ གནས་འདི་ཁར་བཅོལ་ཏེ་ མིང་ཡང་ བུ་ཨིན་པ་ཅིན་དུང་ཆེན་དང་ བུམོ་འབད་བ་ཅིན་དུང་ཆེན་མོ་ཟེར་བཏགས་པའི་སྲོལ ཟཡོདཔ,་མ་ཚད་དེ་སྦེ་འབད་བ་ཅིན་ཨ་ལོ་གསོ་ཚུགས་པའི་བྱིན་རླབས་དང་ནུས་མཐུ་ཡོདཔ་སྦེ་སླབ་སྲོལ་འདུག ཚེས་བཟང་དུས་བཟང་གི་སྐབས་ལུ་དད་མོས་ཅན་ཚུ་གིས་ད་ལྟོ་བར་ན་ཡང་ ཚོགས་འཁོར་བསྐོར་བའི་སྲོལ་འདུག།

སྤྱིར་བཏང་གནས་རྡོ་འདི་གི་དབྱིབས་དེ་རང་དུང་དཀར་བཟུམ་སྦེ་འབད་ཞིནམ་ལས་ དུང་དཀར་སྦོམ་ཅིག་བཟུམ་སྦེ་ཡོད་ནི་འདི་གིས་ གནས་ཀྱི་མཚན་ཡང་རྡོ་དུང་དཀར་(དུང་ཆེན་)ཟེར་དརཝ་སྦེ་བཤད་ནི་འདུག རྡོ་དུང་དཀར་གཏེར་བྱོན་སའི་མགུ་ལུ་རྡོ་འབུར་ཐོན་སྦོམ་ཅིག་ དུང་དཀར་གྱི་དབྱིབས་བཟུམ་སྦེ་ཡོད་མི་འདི་ དུང་དཀར་གྱི་གཏེར་ཨིནམ་སྦེ་བཤད་ནི་འདུག།
རྒྱབ་རྟེན་དཔེ་ཆ།
གནས་ཡིག་ཀུན་ཕན་ལམ་སྟོན་ལས་བླངས་བའོ།།

2 comments:

  1. Wonderful account of the sacred place. Thanks for sharing.

    ReplyDelete
  2. Thank you la. Dagana Dzongkhag have lots of sacred places and it's mostly Rock. However, it's significance are incredible. Do visit the places la.

    ReplyDelete

The Night My Daughter, Mendrel Was Born

Mendrel, (The First look after birth) It was the final day of the Mongar Tshechu (23/11/2024), and I was busy fulfilling my official duties....