འབྲེལ་བ་འཐབ་ས།

རྡོ་གནམ་གྱི་ཀཝ་གི་སྐོར། དར་དཀར་ན།

དཀར་ན་རྒེད་འོག་ལུ་ཡོད་པའི་རྡོ་གནམ་གྱི་ཀཝ།

རྡོ་གནམ་གྱི་ཀཝ་ཟེར་མི་གནས་འདི་གི་ནང་ན་ལུ་ སངས་རྒྱས་སྟོང་གི་སྐུ་རྟེན་གཏེར་བཞུགས་སྦེ་ཡོདཔ་ལས་ རྒྱ་གར་རྡོ་རྗེ་གདན་དང་བྱིན་རླབས་ཁྱད་པར་མེད་ཟེར་ཨིན་མས། བཤད་སྲོལ་གཅིག་ལས་འབད་བ་ཅིན་ རྡོ་དེ་རྒྱ་གར་འཕགས་པའི་ཡུལ་ལས་བྱོན་ཡོདཔ་སྦེ་བཤདཔ་མ་ཚད་ དེ་གི་སྐབས་ལུ་ ས་གནས་དེ་ཁའི་ཤིང་དང་རྡོ་ཚུ་ཡང་གུས་པའི་ཚུལ་གྱིས་  གནས་རྡོ་དེ་གི་ཁ་ཐུག་ལུ་སྒུར་སྒུར་འབད་དེ་ཡོདཔད་ ད་ལྟོ་ཡང་དེ་སྦེ་རང་མཇལ་ནི་འདུག། དེ་མ་ཚད་ གནས་རྡོ་དེ་གི་མགུ་ལུ་ མཁའ་འགྲོ་མའི་ཞབས་རྗེས་ཡང་གསལ་རི་རི་སྦེ་མཇལ་ནི་ཡོདཔ་ཨིན།
རྡོ་གནམ་གྱི་ཀཝ།

རྡོ་གནམ་གྱི་ཀཝ་འདི་རིང་ཚད་ཧ་ལམ་མི་ཊར་ ༢༠ ལྷག་ཙམ་ཅིག་གི་རྩིས་འདུག ཧ་ལམ་མི་ཊར་ ༣ཙམ་གྱི་རྩིས་འདི་ཁྲི་གི་ཚུལ་བཟུམ་སྦེ་ བར་ན་ལས་བཅད་མཚམས་ཡོད་པའི་མགུ་ཏོ་ལུ་རྡོ་གནམ་གྱི་ཀཝ་མཆོད་རྟེན་གྱི་རྣམ་པ་སྦེ་ཆགས་ཏེ་ ཤར་ཁ་ཐུག་དར་དཀར་རྫོང་ཕྱོགས་ལུ་གུག་སུ་མཚམས་སྦེ་འདུག བཤད་སྲོལ་ལས་ གནས་རྡོ་འདི་གི་ནང་ལས་ ལས་འཕྲོ་ཅན་ཚུ་ལུ་མཆོད་པའི་སྒྲ་ཚུ་གོ་དོ་ཡོད་པའི་སླབ་རྒྱུན་འདུག

རྡོ་གནམ་གྱི་ཀཝ་གི་སྤྱི་ཏོག་ཁ་ལས་ དར་དཀར་རྫོང་གི་མཐོང་སྣང་།


རྡོ་གནམ་གྱི་ཀཝ་འདི་ བདེ་སྐྱིད་གླིང་དགོན་པ་ལས་ བྱང་ཁ་ཐུག་ལུ་རྐང་ཐང་དུས་ཡུན་ཆུ་ཚོད་༡ཙམ་གྱི་ས་ཁར་ཡོད།



    Dho Nam Gi Kaw ( rdo gnam gyi kaw or Sky Pillar Rock)

It is said that inside Dho Nam Gi Kaw, there is a thousand Buddha statue treasure and is sacredly equivalent to the holy place, Bodh Gaya in India. From one point of view, Dho Nam Gi Kaw is said to have flew from India and during that time, vicinity trees and rocks are said to be in a respect form, bowing down to the rock and that form is still seen. On the tip of the Dho Nam Gi Kaw, there is a clear foot print of Dikini. On the other hand, during the construction of Daga Dzong, it is believed that the rock have spoken that, “if the Sertog (Golden Top) of the Dzong is any higher than the pinnacle of the Dho Namkhai Kaw, it tends to destroy the Dzong.” Therefore, till now the Dzong stands equally with the tip of Do Nam Gi Kaw.
                                  
The height of Dho Namkhai Kaw is said to have approximately 20 metres and nearly at the height of 3 metres, there is a demarcation, similar to the ‘Throne’ and on the top of the throne, there stands a form similar to Dho Nam Gi kaw stupa (Sky Pillar Rock Stupa) facing towards the Dzong. It is said that, to those who have karmic connection or fate, the sounds of religious objects is heard when you place your ear adjacent to the Rock.
Dho Nam Gi Kaw is located at the north of Dekiling Goenpa, which is an hour walk from there.


1 comment:

  1. དྲག་དྲག་གྲོགས་པོ་གི དེ་འདྲའི་ཞིབ་འཚོལ་ལ་གང་དྲག་བརྩོན་འཚལ།

    ReplyDelete

The Night My Daughter, Mendrel Was Born

Mendrel, (The First look after birth) It was the final day of the Mongar Tshechu (23/11/2024), and I was busy fulfilling my official duties....