འབྲེལ་བ་འཐབ་ས།

གཡོ་འགུལ་གྱི་སེམས།


༈ ནམ་མཁའི་སྐར་ཚོགས་འདྲ་བའི་ཐིམ་ཁྲོམ་ནང་།།
རང་སེམས་གཡོ་མེད་ཙོག་ཕུར་སྒྲིང་སྒྲིང་འདི།།
རྒྱ་བཟའ་བལ་བཟའི་བུ་མོ་གཞོནམ་ཚུ་གིས།།
རང་དབང་མེད་པ་ས་ལས་བཏོན་ད་ཡི།།

༈ རང་སེམས་རང་གི་དབང་ལུ་མེདཔ་ལས་བརྟེན།།
བེམ་པོའིི་ལུས་ལུ་རང་དབང་ག་ལས་འོང་།།
རྟག་བུ་ལམ་བསྒྱིམས་འགྱོ་མའི་མགུ་ཏོ་ཡང་།།
མོ་གཞོནམ་ག་ཏེ་འགྱོ་ས་མགུ་ཏོས་བསྒྱིར།།

༈ རྐངམ་གི་སྒོམ་པ་རྟག་བུ་ཕྲང་རུང་རང་།།
རྣམ་ཤེས་མེད་པའི་གཟུགས་ལུ་ཉན་ཁུག་མེད།།
མོ་གཞོནམ་ག་ཏེ་འགྱོ་ས་རྟིང་བདའ་སྟེ།།
ཚོང་དཔོན་མེད་པའི་བློ་གཅིག་བཙོང་ད་ཡི།།

༈ རྟག་བུ་བློ་ཚིག་དོན་ཡོད་བཤད་རུང་རང་།།
རང་དབང་མེད་པའི་ཁ་ཡང་བུམོ་གིས་ཁྱབ་།།
གླིང་བཞི་གླིང་ཕྲན་ག་ཏེ་འགྱོ་རུང་རང་།།
ཁ་ལས་ཐོན་ཚེ་མོ་གི་གཏམ་རང་མས།།

༈ མིག་གི་དབང་པོ་དུས་རྒྱུན་གསལ་མི་གིས།།
མཇལ་དགོ་མནོ་བའི་ལྷ་ཚོགས་ཚུ་གི་ཞལ།།
མིག་ཟུང་བརྒྱང་རུང་རང་གི་མཇལ་མ་ཚུགས།།
བུམོ་འདིན་མི་བལྟ་ཟེར་རུང་མཐོང་ཚུགས་པས།།

༈ རྣ་བའི་དབང་པོ་རི་དྭགས་བཟུམ་ཡོད་རུང་།།
ཆོས་བཤད་འདི་ཚུ་ཉན་ན་གོ་མ་ཚུགས།།
མ་དག་བུམོ་གཞོནམ་ཚུ་གི་ལོ་རྒྱུས་འདིན།།
རྣམ་ཅོ་ལགཔ་གིས་སྤུབས་རུང་གོ་འོང་མས།།

༈ དྲན་པ་སེམས་ཀྱི་སྙིང་པོ་བཀུག་སྟེ་གིས།།
སེམས་ལུ་བརྟག་ཞིབ་འབད་ཤེས་འབད་བའི་སྐབས།།
འཛམ་གླིང་འདི་ནང་ང་འདྲའི་སྐྱེས་པ་གཅིག།
ཡོད་ག་ཟེར་བའི་ཚིག་གཅིག་ཐོན་ནི་འདུག།

བཀའ་དྲིན་ཆེ།


No comments:

Post a Comment

The Night My Daughter, Mendrel Was Born

Mendrel, (The First look after birth) It was the final day of the Mongar Tshechu (23/11/2024), and I was busy fulfilling my official duties....