༉ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་འོག།
གཞོང་སྒར་ཚོ་བདུན་ཨིན་ཟེརཝ་མས།།
གཞོང་སྒར་རྫོང་འདི་ཉམས་སོང་རུང་།།
མོང་སྒར་རྫོང་ཆེན་དྭངས་མི་དྭངས།།
མོང་སྒར་ལུང་པའི་ཡུལ་ཕྱོགས་ནང་།།
རང་ཡུལ་ལྕགས་ས་མཁར་ཟེརཝ་མས་།།
རྒྱུ་མཆོག་གསེར་དངུལ་མ་འཐོན་རུང་།།
ནོར་གྱི་ཐོན་ཁུངས་བོར་མི་བོར།།
ལྕགས་ས་མཁར་གྱི་ལུང་ཕྱོགས་ནང་།།
རང་གཡུས་མཁར་ནུང་གཡུས་ཟེརཝ་མས།།
གཡུས་ཚན་ཁྲོམ་ཆེན་བཟུམ་མེན་རུང་།།
འབྲུ་སྣ་དགུ་རིགས་འཚོ་མི་འཚོ།།
མགུ་ནག་མིའི་སྤུངས་ཚོགས་ནང་།།
སྟག་ཤར་ཚེ་རིང་ང་ཟེརཝ་མས།།
སྙན་པའི་རྩོམ་རིག་མ་འཐོན་རུང་།།
བསམ་བྱའི་བློ་ཚིག་རྫོགས་མི་རྫོགས།།
བཀྲིན་ཆེ།
©️ཚེ་རུང་ཕུན་ཚོགས།
No comments:
Post a Comment